Sunday 2 March 2014

     ༼I wanted to change the world༽
        ངས་གོ་ལ་འདི་འགྱུར་བ་གཏོང་འདོད་བྱུང་།

When I was a young man, I wanted to change the world.
ང་རང་ན་གཞོན་ཡིན་པའི་སྐབས་སུ། ངས་གོ་ལ་འདི་འགྱུར་བ་གཏོང་ན་འདོད་མྱོང་།
I found it was difficult to change the world, so I tried to change my nation.
འོན་ཀྱང་གོ་ལ་འདི་འགྱུར་བ་གཏོང་རྒྱུ་ནི་བྱ་བ་ཧ་ཅང་ཁག་པོ་ཞིག་ཡིན་པ་རྟོགས་པས་ང་ལ་རང་ཉིད་ཀྱི་རྒྱལ་ཁབ་འགྱུར་བ་གཏོང་འདོད་ཀྱི་བསམ་པ་སྐྱེས།
When I found I couldn't change the nation, I began to focus on my town. I couldn't change the town and as an older man, I tried to change my family.
ངས་རང་གི་རྒྱལ་ཁབ་ཀྱང་འགྱུར་བ་གཏོང་མི་ཐུབ་པ་ཤེས་དུས། གཞི་ནས་རང་གི་གྲོང་བརྡལ་ལ་དམིགས་པ་གཏད་འགོ་བཙུགས་པ་ཡིན། རེད་དེ་ངས་རང་གི་གྲོང་བརྡལ་ཡང་འགྱུར་བ་གཏོང་མ་ཐུབ་པས་རང་ཉིད་མི་རྒན་ཞིག་ཡིན་པའི་ཆ་ནས་རང་གི་ཁྱིམ་ཚང་ཙམ་འགྱུར་བ་གཏོང་ཐབས་བྱས།
Now, as an old man, I realize the only thing I can change is myself, and suddenly I realize that if long ago I had changed myself, I could have made an impact on my family. My family and I could have made an impact on our town. Their impact could have changed the nation and I could indeed have changed the world.
ད་ཆ། ན་སོ་བརྒས་པའི་མི་ངས་འགྱུར་བཅོས་གཏོང་ཐུབ་པ་གཅིག་རང་ཡོད་པ་དེ་ནི་རང་ཉིད་ཁོ་ན་ཡིན་པ་རྟོགས་ཤིང་། དེ་མ་ཉིད་དུ་ང་ལ་སད་རྟོགས་ཅི་ཞིག་བྱུང་ངམ་ཞེ་ན། དུས་ཡུན་སྔ་མོ་ཞིག་ནས་རང་ཉིད་བསྒྱུར་བཅོས་བཏང་ཡོད་ན་ངས་ནང་མིར་ཤུགས་རྐྱེན་སྤྲད་ཡོད་སྲིད་ལ། ང་དང་ནང་མིས་ང་ཚོའི་གྲོང་བརྡལ་ལ་ཤུགས་རྐྱེན་སྤྲད་དེ་ཤུགས་རྐྱེན་དེས་རྒྱལ་ཁབ་བསྒྱུར་བཅོས་བཏང་ཡོད་ངེས་ལ། དེ་ནས་ཏན་ཏན་ངས་གོ་ལ་འདི་འགྱུར་བ་གཏོང་ཐུབ་པ་བྱུང་ཡོད་ངེས།
Author: unknown monk around 1100 AD
རྩོམ་པ་པོ། མིང་མ་ངེས་པའི་གྲྭ་བ་ཞིག་གིས་སྤྱི་ལོ་༡༡༠༠ཙམ་ལ་བརྩམས།
སྒྲ་བསྒྱུར་བ། ངག་དབང་ལྷུན་གྲུབ།

No comments:

Post a Comment